དབྱར་ཁའི་སློབ་གྲྭ སྔོན་འགྲོ་དམའ་རིམ་ནས་འཛིན་རིམ་8པའི་བར།

ང་ཚོའི་ཐབས་ལམ་ཁྱད་པར་བ།

སྲང་ལམ་82 པའི་གཙུག་ལག་སློབ་གྲྭའི་དབྱར་ཁའི་སློབ་གྲྭ་དེར་ཁྱེད་རང་དོ་སྣང་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ལ་སོ་སོའི་ཕྲུ་གུ་དེ་ཕྱི་ཟླ་དགུ་པའི་ནང་འཛིན་གྲྭའི་མགོར་སླེབས་པ་འདོད་དམ། ཁྱེད་ལ་དབྱར་ཁའི་ལས་རིམ་གྱིས་ཕྲུ་གུས་སློབ་སྦྱོང་ཐོག་ཤུགས་སྣོན་ཡོང་བར་སྤྲོ་སྣང་གི་བེད་སྤྱོད་གཏོང་བའི་ཚབ་ཏུ་ཕྲུ་གུ་ཉོབ་སྣང་ཡོང་ཡས་ཐད་སེམས་འཚབ་ཡོད་དམ། ཁྱེད་རང་ལ་ཕྲུ་གུ་ཚོར་དབྱར་ཁའི་སློབ་སྦྱོང་མཉམ་དུ་རྩེད་མོ་དགོས་ཀྱི་རེད་བསམ་གྱི་འདུག་གམ། གལ་ཏེ་ཁྱེད་ཀྱིས་ལན་དུ་ཡིན་གསུངས་ན་སྲང་ལམ་༨༢ པའི་གཙུག་ལག་སློབ་གྲྭའི་དབྱར་ཁའི་སློབ་གྲྭ་དེ་གདམ་ང་ཡག་ཤོས་ཆགས་ཡོད།

ང་ཚོས་ཁྱེད་རང་ལ་གཤམ་དུ་གསལ་བའི་གནས་ཚུལ་དེ་དག་གིས་རང་ཉིད་ཀྱི་ཕྲུ་གུའི་དབྱར་ཁའི་ཉམས་མྱོང་གསོག་སླད་གདམ་ང་ཡག་ཤོས་ཐད་ཁྱེད་རང་གི་ནང་མིར་གསལ་རྟོགས་ཆེད་ཐུགས་ཕན་གསོས་པའི་རེ་བ་བྱེད་ཀྱི་ཡོད། དབྱར་ཁའི་ལས་རིམ་སྐོར་གདམ་ག་མང་པོ་ཡོད། ནང་མི་སུས་སོ་སོའི་ཕྲུ་གུ་དེ་འཛིན་གྲྭའི་ནང་མགོར་སླེབས་པ་དང་སློབ་སྦྱོང་ལ་དོན་གཉེར་དགའ་ཞེན་དང་དབྱར་ཁའི་རོལ་རྩེད་ཉམས་སུ་མྱོང་འཇུག་འདོད་ཡོད་ན་ང་ཚོ་ནི་གདམ་ག་ཡག་ཤོས་ཆགས་ཡོད་པ་ཡིན།

  • སློབ་ཕྲུག་ཕལ་ཆེ་བས་ལོ་སྔོན་མའི་གང་བྱུང་བསྐྱར་དྲན་ཆེད་སྟོན་དུས་སློབ་གྲྭ་འགོ་འཛུགས་ཀྱི་ཡོད། ཉམས་ཞིབ་བྱེད་སྐབས་སློབ་ཁྲིད་གསར་པ་དེ་ཕྲུ་གུ་མང་ཆེ་བས་བཀྲིན་རྗེས་དྲན་མཛད་སྒོའི་གོང་ཕྱི་ཟླ་བཅུ་གཅིག་ནང་འགོ་འཛུགས་ཀྱི་ཡོད་པ་ཐོན་ཡོད། ང་ཚོའི་ཤེས་ཡོན་གྱི་སྔ་དྲོའི་ལས་རིམ་དེས་སློབ་ཕྲུག་ཚོ་འཛིན་རིམ་གོང་མའི་ཆེད་གྲ་སྒྲིག་དང་ཁོ་ཚོའི་སྒྱུ་རྩལ་རྣོ་རུ་གཏོང་གི་ཡོད། ང་ཚོའི་སློབ་ཕྲུག་ཚོས་སྟོན་དུས་འཛིན་གྲྭའི་མགོར་སླེབས་ནས་འགོ་འཛུགས་ཀྱི་ཡོད་ཀྱང་གཞན་རྣམས་གཞི་ནས་འགོ་འཛུགས་ཐབས་བྱེད་ཀྱི་ཡོད།
  • སློབ་ཕྲུག་ཚོས་སྦྱོང་ན་མང་བ་ཁོང་དུ་ཆུད་ཀྱི་རེད། ང་ཚོའི་དབྱར་ཁའི་བརྗོད་གཞི། བརྗོད་གཞི་རྒྱབ་རྟེན་ཆེད་ས་ཁུལ་སྐོར་བསྐྱོད་དང་བརྗོད་གཞི་རྒྱབ་རྟེན་ཉིན་དགུང་ལས་རིམ། ཕྲུ་གུའི་དོ་དབྱིངས་ཤུགས་ཆེར་གཏོང་བ། སློབ་ཕྲུག་ཚོས་ཉིན་རྒྱབ་ལས་འཆར་བསྒྲུབ་པའི་ཆེད་ལས་ཀའི་ནང་མཉམ་ཞུགས་དང་ལེན་བྱེད་ཀྱི་ཡོད།
  • ང་ཚོས་རྩེད་ཐང་གཉིས་ཀྱི་སྟེང་དུ་སྙིང་སྟོབས་སྤེལ་བའི་སྡེབས་འཛོམས། དགོད་བྲོའི་དུས་སྟོན་དང་ལུས་སྦྱོང་གི་རྩེད་རིགས་མང་པོ་མཉམ་བསྲེས་བྱེད་ཀྱི་ཡོད། གད་རྒྱངས། བང་རྒྱུག་དང་རྩེད་མོས་སློབ་སྦྱོང་ཆེད་དུ་ནུས་པ་ཡར་རྒྱས་གཏོང་བ་དང་ལས་འཆར་ངལ་དུབ་ཅན་གྱི་རྗེས་ནུས་སྟོབས་སླར་གསོ་ལ་ཕན་གྱི་ཡོད། སློབ་ཕྲུག་ཚོས་མཉམ་སྡེབ་དེ་འགོག་ཏུ་མེད་པ་ཚོར་གྱི་ཡོད།

སྲང་ལམ་༨༢ པའི་ གཙུག་ལག་སློབ་གྲྭའི་དབྱར་ཁའི་སློབ་གྲྭ་དེ་ཤེས་ཡོན་སྤོབས་པ་ཅན་དང་རང་བཞིན་ཡིད་འཕྲོག་ལྡན་པ།

ང་ཚོས་སློབ་ཕྲུག་ཚོ་དབྱར་ཁའི་རིང་ཤེས་ཡོན་ཐོག་གྲུང་ཤ་དོད་པོ་ཉར་གྱི་ཡོད། ཁོ་ཚོ་འཛིན་གྲྭའི་མགོར་ཕྱི་ཟླ་དགུ་པའི་ནང་སློབ་གྲྭར་ཕྱིར་ལོག་ཡོང་གི་རེད།

  • ནིའུ་ཡོག་མངའ་སྡེའི་སྤྱི་པའི་ཚད་ལྡན་ཤེས་ཡོན་སྙིང་པོ་ཅན་དེ་དབྱར་ཁའི་སློབ་གྲྭའི་གཞི་རྩ་ཡིན།
  • ས་ཁུལ་སློབ་གྲྭ་ཕལ་ཆེ་བ་ལ་ལས་བྱེད་དང་སློབ་ཕྲུག་གི་བསྡུར་ཚད་དེ་1:25རེད། ང་ཚོས་ཁྱེད་རང་གི་ཕྲུ་གུའི་སློབ་སྦྱོང་ནུས་ཚད་དཔག་ན་ལས་བྱེད་སློབ་ཕྲུག་གི་བསྡུར་ཚད་1:10 ལ་ཚོད་རྩིས་རྒྱག་གི་ཡོད།
  • ཉིན་རེའི་ནང་ལས་དང་བདུན་རེའི་རྒྱུགས་འབུལ་ཡིག་ཚད་ཀྱིས་སློབ་སྦྱོང་ལས་བགོས་བཟོ་གི་ཡོད་པ་ཡིན།
  • ཟླ་རེའི་ཡར་རྒྱས་གྲུབ་འབྲས་ལག་ཁྱེར་ཡོད་རེད།

ང་ཚོས་ཁྱེད་ཀྱི་ཕྲུ་གུ་དེ་ངའི་གངས་རི་འཛེག་ཅེས་པའི་མཉམ་ཞུགས་དང་སློབ་སྦྱོང་གནང་དུ་འཇུག་གི་ཡིན། ང་ཚོའི་གཟུགས་རྒྱན་དེ་འཆར་ཅན་འཛིན་གྲྭ ཉིན་རྒྱབ་ལས་འཆར་དང་སྐོར་བསྐྱོད་སྤྲོ་འཆམ་གང་ཡིན་ལ་བེད་སྤྱོད་བྱེད་ཀྱི་ཡོད། (2015 ཡི་དབྱར་ཁའི་ལོ་ཐོ་མ་དཔེ།)

  • སློབ་ཕྲུག་ཚོས་གངས་རེ་འཛེག་པའི་ཆེད་དུ་ས་ཚིགས་གཅིག་ནས་གཞན་དུ་ལས་ཀ་བྱེད་སྐབས་རུ་ཁག་མ་སྒར་ནང་སློབ་སྦྱོང་གནང་གི་ཡོད།
  • སྒེར་དང་རུ་ཁག་གི་བྱ་དགའ་དེ་དག་གིས་སློབ་སྦྱོང་གི་དཀའ་ངལ་གདོང་ལེན་ལ་སེམས་ཤུགས་ཐེབས་ཡས་ཕན་གྱི་ཡོད།
  • ས་ཁུལ་སྐོར་བསྐྱོད་ཀྱིས་སློབ་ཕྲུག་ཚོར་རུ་ཁག་མདུན་བསྐྱོད་ལམ་ནས་འཐབ་རྩོད་དང་གྲུབ་འབྲས་ཀྱི་དགའ་སྣང་ཚོར་བར་ཕན་གྱི་ཡོད།
  • ཟློས་གར་འཛིན་གྲྭའི་ཉིན་རྒྱབ་སློབ་ཕྲུག་ཚོས་གངས་རིའི་བརྗོད་གཞི་ཅན་གྱི་ཐོན་སྐྱེད་ཁག་གི་སྒྱུ་རྩལ་ལྡན་པའི་ལག་རྩལ་སྦྱོང་གི་ཡོད།
  • ཉིན་རྒྱབ་སློབ་ཕྲུག་ཚོར་སྒྱུ་རྩལ་ལྡན་པའི་རྣམ་འགྱུར་འཕར་མའི་ཆེད་ང་ཚོའི་རྣོ་སྦྲེང་འཛིན་གྲྭ་(འཕར་མ་)ལ་ཕེབས་ཆོག་གི་ཡོད།
  • སློབ་ཕྲུག་ཚོས་བདུན་8 པའི་རི་རྩེར་སྤྲོ་སྐྱིད་གཏོང་གི་ཡོད།

དབྱར་ཁའི་སློབ་གྲྭའི་ལས་རིམ་འདི་ཕྱི་ཟླ་དྲུག་པའི་ཚེས་29 ནས་ ཕྱི་ཟླ་བརྒྱད་པའི་ཚེས་21 བར་ དུས་ཡུན་བདུན་ཕྲག་8 ཡིན། ཉིན་འཁྱོངས་དང་ཉིན་ཕྱེད་དུས་ཚོད་རེའུ་མིག་རྣམས་ཡོད། ཞིབ་ཕྲའི་གནས་ཚུལ་ཆེད་ཁ་པར་ཨང་(718) 457-0429ཐོག་ང་ཚོའི་ཕ་མ་ཞབས་ཞུའི་འབྲེལ་མཐུད་པར་ འབྲེལ་བ་གནང་རོགས། སྲང་ལམ་༨༢ པའི་གཙུག་ལག་སློབ་གྲྭར་དབྱར་ཁའི་སློབ་སྦྱོང་དང་རོལ་རྩེད་ལ་ཕེབས་པར་ཞུ། གལ་ཏེ་ཁྱེད་རང་སློབ་ལོ་འཁོར་མར་ཤེས་ཡོན་དང་སྤྱི་ཚོགས་རོགས་རམ་འདི་མུ་མཐུད་གནང་འདོད་ཡོད་ན་ང་ཚོའི་སློབ་གྲྭ་གྲོལ་རྗེས་ ལས་རིམ་སྐོར་ཀློག་རོགས་གནང་།

ང་ཚོའི་ས་གནས་ཁག པི་ཨེ་སི། P.S. 69 དང་སྤྱི་པའི་ཡེ་ཤུ་ལྷ་ཁང་།

འདི་ལོའི་དབྱར་དུས་དེར་(ཇེ་ཀི་སོན་ཧེ་ཊི་ Jackson Heights ནང་གི་གཞུང་ལམ་77-02 37th Avenue ལ་གནས་ཆགས་པའི་)གཞུང་གི་སློབ་གྲྭ་Public School 69 དང་(ཇེ་ཀི་སོན་ཧེ་ཊི་ Jackson Heights ནང་གི་གཞུང་ལམ་81-10 35th Avenue ་ལ་གནས་ཆགས་པའི་) སྤྱི་པའི་ཡེ་ཤུ་ལྷ་ཁང་ནང་ང་ཚོའི་ལས་རིམ་དེ་འཚོགས་ཀྱི་རེད། ཁྱེད་རང་གི་ཕྲུ་གུས་འཛིན་རིམ་གཞི་བཟུང་རང་རང་གི་འཛིན་གྲྭའི་ནང་སློབ་ཕྲུག་ཚང་མར་ལག་ཐོགས་གློག་ཀླད་བེད་སྤྱོད་ཐང་རྩེད་རིགས་བཅས་ལ་མཐུན་རྐྱེན་འཛོམས་པའི་ངང་ལོངས་སུ་སྤྱོད་རྒྱུ་ཡོང་། ཁྱེད་རང་ཕྲུ་གུ་ལ་ལས་བགོས་རྒྱག་པའི་སྦྱོང་ཚན་དེ་ཁྱེད་ཀྱིས་འདེམ་པའི་རེའུ་མིག་ལ་གཞིར་བཟུང་གི་རེད།

ཁྱེད་ལའང་ཕྲུ་གུ་ལོ་2.5ནས་4བར་བྱེད་པ་ཡོད་དམ། ང་ཚོའི་དབྱར་ཁའི་སྔོན་འགྲོའི་སློབ་གྲྭ་དང་ཡུ་པི་ཀེ་ UPK ཁྱབ་ཁོངས་”དབྱར་ཁའི་ཆུ་རྩེད་ལས་རིམ་” འདིར་གསར་དུ་འབྲེལ་འཇུག་བྱོས།

དགོས་ངེས་ཡིག་ཆ་ཁག

སློབ་ཕྲུག་གི་འཕྲོད་བསྟེན་འགེངས་ཤོག (ཨེན་ཝེ་སི་ NYC སྔོན་འགོག་ཡོ་བྱད།)

ཡོང་འབབ་འོས་ཆོས་འགེངས་ཤོག

  • སློབ་སྦྱོང་རྒྱལ་ཁའི་འཛིན་གྲྭ

    རེས་གཟའ་ཟླ་བ་ནས་པ་སངས་བར།

    སྔ་དྲོའི་ཚོུད་༩ པ་ནས་ཉིན་དགུང་ཚོད་༡༢བར།

    སྲང་ལམ་༨༢ པའི་གཙུག་ལག་སློབ་གྲྭའི་ཞོགས་པའི་ཚོགས་ཐུན་གྱིས་རྗེས་ཡོང་སློབ་ལོའི་ནང་གྲུབ་འབྲས་བཟང་པོ་ཡོང་བར་གྲ་སྒྲིག་བྱེད་ཀྱི་ཡོད། ཉམས་ཞིབ་ནང་སློབ་ཕྲུག་ཚོར་དགོས་པ་ཤོད་ཀྱི་ཡོད།

    • ཤེས་ཡོན་ཡར་རྒྱས།
      • གོམ་རིམ་བཞིན་དཀའ་ངལ་མང་པོ་སེལ་ཐབས་སྦྱོང་བརྡར།
      • དྲི་ཚོགས་ཡ་ལན་ཆེད་ལན་འཚོལ་བ་དང་ཕྱོགས་བསྡོམས་གནང་ཕྱོགས་སྦྱོང་བརྡར།
      • སྟོན་དུས་གྲ་སྒྲིག་ཡོང་བར་ཨང་རྩིས་ཀྱི་རིག་པ་གསར་པ། ཀློག་སྟངས་དང་བྲི་སྟངས་ལག་རྩལ་བཅས།
    • སྤྱི་ཚོགས་སེམས་ཁམས་སྒྱུ་རྩལ།
      • བཟང་པོའི་ཕུགས་བསམ།
      • གཞན་གྱི་མཁྱེན་རྟོགས།
      • འགྱེལ་ས་ནས་ལྡངས་ཐུབ་པའི་སྙིང་སྟོབས།

    ང་ཚོའི་མདུན་བསྐྱོད་ཅན་གྱི་ཤེས་ཡོན་བྱེད་སྒོ་དེས་ཁོ་ཚོར་འཛིན་གྲྭའི་མགོར་སླེབས་པ་གྲོགས་བྱེད་ཀྱི་རེད། ཞོགས་པའི་ཚོགས་ཐུན་སྐབས་ཁྱེད་ཀྱི་ཕྲུ་གུས་རྗེས་མའི་སློབ་ལོའི་ཆེད་དུ་ཨང་རྩིས། འབྲི་ཀློག་སྒྱུ་རྩལ་སྦྱོང་བརྡར་བྱེད་ཀྱི་རེད། ང་ཚོའི་གཏན་འབེབས་སློབ་ཚན་ཡར་རྒྱས་ཡོང་བར་་སྤྱི་པའི་ཚད་ལྡན་ཤེས་ཡོན་སྙིང་པོ་ལག་བསྟར་བྱེད་ཀྱི་ཡོད། ང་ཚོས་རྟག་པར་ནང་ལས་སྤྲོད་པ་དང་སློབ་ཕྲུག་ཚོར་བདུན་རེར་སློབ་སྦྱོང་དཔྱད་ཞིབ་ཆེད་དུ་འདྲི་གླེང་གོ་སྒྲིག་ཞུ་གི་ཡོད། ཁྱེད་རང་ལ་སོ་སོའི་ཕྲུ་གུའི་དགེ་ལགས་ཀྱིས་དབྱར་ཁའི་ཁྱོན་ལ་གྲུབ་འབྲས་སྙན་ཐོ་ལན་གཉིས་དང་འཛིན་གྲྭའི་བྱེད་སྒོ་སྐོར་བདུན་རེར་གློག་འཕྲིན་འབྱོར་གྱི་རེད།

    ང་ཚོའི་ཤེས་ཡོན་ཁོར་ཡུག་ནི་ངའི་གངས་རི་འཛེག་ཅེས་པའི་ང་ཚོའི་བརྗོད་གཞིའི་ཆར་གཏོགས་པའི་འཛིན་གྲྭ་རེའི་རུ་ཁག་མ་སྒར་ཡིན།” སློབ་ཕྲུག་ཚོས་རྒྱུན་དུ་ཚོགས་འདུའི་ནང་དཀའ་ངལ་སྐབས་མུ་མཐུད་ལས་ཀ་བྱེད་རྒྱུའི་ཕན་ཚུན་སེམས་ཤུགས་སྤེལ་གྱི་ཡོད། དགེ་རྒན་གྱིས་སློབ་ཕྲུག་ཚོར་དཀའ་ངལ་སྣ་ཚོགས་སྐབས་སེམས་ཤུགས་སྤེལ་བས་སུས་དཀའ་ངལ་གདོང་ལེན་བྱས་པར་གྲུབ་འབྲས་མི་ཉུང་བ་ཡོང་གི་ཡོད། ང་ཚོས་སློབ་ཕྲུག་གི་ནུས་པ་དང་གྲུབ་འབྲས་ཐོན་མིན་དེ་དོ་བདག་སོ་སོའི་སྤོབས་པ་དང་ཡིད་ཆེས་ལ་རག་ལུས་པ་ཡིན་པ་མཐོང་གི་ཡོད། དབྱར་ཁའི་སློབ་གྲྭས་ཕྱི་ཟླ་དགུ་པའི་གྲུབ་འབྲས་སྐོར་སློབ་ཕྲུག་གི་བཟང་ཕྱོགས་བསམ་བློར་སེམས་ཤུགས་སྤེལ་གྱི་ཡོད།

  • ལེགས་བཅོས་དང་ལག་བསྟར་རྟག་དཔྱད་ཁང་།

    རེས་གཟའ་ཟླ་བ་ནས་རེས་གཟའ་པ་སངས་བར།

    ཕྱི་དྲོའི་ཚོུད་1 པོ་ནས་ཕྱི་དྲོའི་ཚོུད་4 པ་བར།

    ཉིན་རྒྱབ་དེར་སློབ་ཕྲུག་ཚོས་བརྗོད་གཞི་འབྲེལ་བའི་ལས་འཆར་(སྐྱིད་ཚོར་ཆེན་པོ་ཡོང་ཆོག)ཕན་ཚུན་འབྲེལ་བ་བྱེད་སྟངས་ཀྱི་ལམ་ནས་གོ་རྒྱ་སྤེལ་རེས་དང་མཐུན་འབྲེལ་སྐོར་ཤེས་འདོད་ཤུགས་ཆེར་གཏོང་གི་ཡོད། ཉིན་རྒྱབ་ཚོགས་ཐུན་ནང་ལེགས་བཅོས་དང་ཤེས་ཡོན་ཡར་རྒྱས་འཛིན་གྲྭ་འདྲེས་ནས་དུས་ཚོད་རེའུ་མིག་རེས་མོ་བྱེད་ཀྱི་ཡད། དབྱར་འདིར་ང་ཚོའ་འཛིན་གྲྭའི་ནང་འཁྲབ་སྟོན་ཚན་རིག སྒྱུ་རྩལ། ལུས་རྩལ་སློབ་སྦྱོང་། འཕྲོད་བསྟེན་དང་ང་ཚོའི་མི་ཚེའི་ཨང་རྩིས་ཀྱི་བརྟག་དཔྱད་ཁང་བཅས་ཚུད་ཡོད། ཉིན་རྒྱབ་ལས་རིམ་དེས་ཉིན་འཁྱོངས་ལས་རིམ་བཞུགས་མཁན་སློབ་ཕྲུག་ཚོར་སྐྱིད་ཚོར་དང་ལུས་ཀྱི་འབྱུང་བ་སྙོམ་པ་བྱེད་ཀྱི་ཡོད།

    འཛིན་གྲྭ་4 པ་ནས་8 པའི་བར་སློབ་ཕྲུག་གིས་གཙུག་ལག་སློབ་གྲྭའི་སྤྲོ་འཆམ་ཉམས་སུ་མྱོང་གི་ཡོད། ལོ་རེ་བཞིན་སློབ་ཕྲུག་ལ་སློབ་སྦྱོང་ཚད་ལྡན་སྤྲོད་མཁན་ང་ཚོས་གལ་གནད་ཆེ་བའི་ས་གནས་གཙུག་ལག་སློབ་གྲྭ་འདེམ་གྱི་ཡོད། སློབ་ཕྲུག་ཚོར་སློབ་གྲྭའི་ས་ཁོངས་ནང་ཅམ་ཅམ་དང་སྤྲོ་འཆམ། མདུན་ལམ་དང་མཐོ་སློབ་སྐབས་སློབ་སྦྱོང་གང་བྱེད་སྐོར་བསམ་བློ་གཏོང་ཆོག་གོ་སྐབས་ཡོད།

     

  • འཛིན་རིམ། དམའ་རིམ་ནས་འཛིན་གྲྭ་8 པའི་བར།

    དུས་ཚོད། སྔ་དྲོའི་ཚོུད་8 པ་ནས་ཕྱི་དྲོ་ཚོུད་7 པའི་བར།

    • སྔ་དྲོ་ཚོུད་7:30 གོང་ཁྱེད་ཀྱི་ཕྲུ་གུ་སྐྱེལ་ཟིན་པ་གནང་རྒྱུ།
    • ཕྱི་དྲོ་ཚོུད་7:00 ལས་མི་འགྱངས་པར་ཁྱེད་རང་ཕྲུ་གུ་ལེན་དུ་ཕེབས་དགོས།

    དུས་ཡུན་འདིའི་རིང་ཕྲུ་གུ་ཚོས་སྔ་དྲོའི་ཚོགས་ཐུན་སྐབས་ནང་སྦྱོང་བྱེད་རྒྱུ་དང་ཕྱི་ལོགས་ཐང་རྩེད་དམ་རྩེད་མོའི་སྒྱུ་རྩལ་ལས་རིམ་མཉམ་ཞུགས་བཅས་གནང་གི་རེད།

    • འཕྲོད་བསྟེན་དུས་ཡུན་ཚེས་གྲངས་2014ཕྱི་ཟླ་དགུ་པའི་ཚེས་1ནས་2015ཕྱི་ཟླ་དྲུག་པའིི་ཚེས་25དབར།
    • 2015 ཕྱི་ཟླ་དྲུག་པའི་ཚེས་1གོང་གི་ CACFP ཡོང་འབབ་ཞིབ་གཤེར་འགེངས་ཤོག
    • ཕྱི་ཟླ་དྲུག་པའི་ནང་ཡིག་འབྲེལ་གྱིས་ཁྱེད་རང་ལ་ཡིག་ཆ་མ་ཚང་རིགས་དང་ལས་རིམ་ལ་ཁྱེད་རང་སྐད་གཏོང་བའི་བརྡ་ལན་ཡི་གེ་འབྱོར་གྱི་རེད།