དབྱར་ཁའི་སློབ་གྲྭ ་སྔོན་འགྲོའི་སློབ་གྲྭ

ང་ཚོའི་ཐབས་ལམ་ཁྱད་པར་བ།

སྲང་ལམ་82 པའི་གཙུག་ལག་སློབ་གྲྭར། ང་ཚོས་བྱིས་པ་ཚོར་སློབ་སྦྱོང་ལ་དགའ་ཞེན་སྤེལ་བའི་ཆེད་གཞི་རིམ་ཐོག་མའི་སློབ་སྦྱོང་སྟེ་གལ་ཆེའི་ སྦྱོང་བརྡར་འབུལ་གྱི་ཡོད། དེ་བཞིན་ང་ཚོའི་ཤེས་ཡོན་སློབ་ཁྲིད་མང་པོ་ཞིག་ཚད་ལྡན་སློབ་གྲྭ་གཞན་ཁག་དང་གཅིག་མཚུངས་རེད། ང་ཚོ་ལའང་བྱིས་པ་ཡར་རྒྱས་སྐོར་ཡིད་ཆེས་གསུམ་ཟེར་བ་ཡོད།

  • ང་ཚོས་ཕ་མ་ཚོར་ཁོ་ཚོའི་ཕྲུ་གུའི་ཤེས་ཡོན་རྒྱུད་རིམ་ཐོག་མཁྱེན་རྟོགས་ཆ་ཚང་ཡོང་བ་འདོད་ཀྱི་ཡོད། ང་ཚོའི་འཛིན་ཁང་ཚང་མར་པར་ཆས་དང་སྒྲ་འཛིན་གློག་ཆས་སྒྲིག་འཇོག་བྱེད་ཡོད་པས་ཕ་མ་ཚོར་སོ་སོའི་ཕྲུ་གུའི་ཉེན་རེ་བྱེད་སྒོ་ཁག་མཁྱེན་རྟོགས་དང་ཁོ་ཚོའི་ཕྲུ་གུ་དེ་ང་ཚོས་ལས་རིམ་ཁས་ལེན་རྣམས་འབུལ་སའི་ཁོར་ཡུག་བརྟན་པོ་དེའི་ནང་དུ་ཡོད་པ་ཡིད་ཆེས་སྦྱིན་གྱི་ཡོད། གལ་ཏེ་དྲི་བའམ་སེམས་ཚབས་དོགས་དྲི་སླེབས་ན། ང་ཚོའི་དགེ་རྒན་རྣམ་པས་སློབ་གྲྭའི་ཉིན་གཅིག་ནང་ཚུད་ཁོ་ཚོའི་གློག་འཕྲིན་ཉིན་ལྟར་ལས་འདེབས་དངཡ་ལན་དང་པོ་གནང་གི་ཡོད། དེས་མ་ཟད་ང་ཚོའི་དགེ་རྒན་ཚོས་འཛིན་གྲྭའི་ནང་གི་བྱེད་སྒོ་ཁག་དང་ཕ་མའི་ངོས་ནས་ནང་དུ་ཕྲུ་གུས་གང་ཤེས་པ་ངེས་འདྲོངས་ཐབས་ལམ་ཇི་ཡོད་སྐོར་བདུན་རེའི་གློག་འཕྲིན་གཏོང་གི་ཡོད།
  • ཁྱོན་ཡོངས་བྱིས་པའི་ཐབས་ལམ་ཞེས་པའི་ནང་། ང་ཚོས་ཤེས་ཡོན་སློབ་སྦྱོང་སྒྱུ་རྩལ་ཁོ་ནའི་ཡར་རྒྱས་ཙམ་མིན་པར་སློབ་ཚན་གཞན་ཡང་དཔེར་ན་ སྤྱི་ཚོགས་སེམས་ཁམས་འཕྲོད་བསྟེན། དངོས་ཁམས་ཡར་རྒྱས། & སྐད་ཡིག་འབྲི་ཀློག་ཡར་རྒྱས་དང་ཨང་རྩིས་སམ་རྟོག་པའི་སྐོར་བཅས་ཡོད། ང་ཚོའི་ཁྱོན་ཡོངས་བྱིས་པའི་ཐབས་ལམ་འདི་བཞིན་དགེ་རྒན་གྱིས་བཟོས་གནང་པའི་ཤེས་ཡོན་(ཁ་ཤས་ཤིག་གཤམ་དུ་རྒྱས་བཤད་ཡོང་གི་རེད།)སྡེ་ཚན་མང་པོ་ཚུད་པའི་སློབ་ཁྲིད་འཆར་འགོད་འདྲིས་གོམས་དེ་བ་དེས་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་དང་དེ་དག་བྱིས་པའི་ཐོག་མའི་ལས་རིམ་ངེས་སྟོན་པས་དག་སྒྲིག་དང་བཀའ་འཁྲོལ་གནང་པ་ཞིག་ཡིན། ཤེས་ཡོན་སྡེ་ཚན་མང་པོ་འདི་དག་བེད་སྤྱོད་བྱེད་པས་ང་ཚོའི་ལས་རིམ་ནང་ང་ཚོས་ཕྲུ་གུ་རེ་རེའི་སློབ་ཁྲིདང་ཉམས་མྱོང་ཟུར་སྟོན་ལས་སླ་པོའི་ངང་བྱེད་ཐུབ་ཀྱི་ཡོད།

ལས་རིམ་འགྲེལ་བརྗོད།

ང་ཚོའི་2015དབྱར་ཁའི་སྔོན་འགྲོའི་སློབ་གྲྭ་དེར་ཁྱེད་ཀྱིས་དོ་སྣང་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛིན་གྲྭ་དེ་བདུན་ཕྲག་8 ཀྱི་རིང་འཚོགས་ཀྱི་རེད། ཕྱི་ཟླ་དྲུག་པའི་ཚེས་29ནས་ཕྱི་ཟླ་བརྒྱད་པའི་ཚེས་21བར། འདི་ལོའི་དབྱར་ཁར་ང་ཚོའི་སློབ་ཕྲུག་ཚོ་ “དབྱར་ཁའི་ཆུ་རྩེད་”ཅེས་པའི་བརྗོད་གཞི་ཅན་གྱི་མྱུལ་ཞིབ་ ནང་མཉམ་ཞུགས་གནང་གི་རེད། བདུན་རེར་སློབ་ཕྲུག་ཚོས་བརྗོད་གཞི་ཆུང་བ་འདྲ་མིན་གྱིས་ཆུའི་མྱུལ་ཞིབ་དཔེར་ན་ཆུའི་ཁྱད་ཆོས། མཚོའི་སྲོག་ཆགས་དང་ཆུའི་ལྦུ་བ་བཅས་ཀྱི་གྲོས་བསྡུར་གནང་གི་རེད། དབྱར་ཁའི་སྔོན་འགྲོ་སློབ་གྲྭའི་ལས་རིམ་གྱིས་ཚོགས་སྡེ་ཁག་དཔེར་ན་ཨེ་ལེ་པོཎྜ་(Alley Pond)དམིགས་བསལ་མགྲོན་ འབོད་ཀྱིས་ང་ཚོའི་བརྗོད་གཞི་ཁ་སྐོང་གི་བྱེད་སྒོ་ཁག་ལ་མཉམ་རུབ་གནང་གི་ཡོད། ང་ཚོའི་ལས་རིམ་ཐད་ཁྱེད་རང་ལ་གལ་ཏེ་དྲི་བ་ཡོད་ན། མདུན་ཅོག་ཏུ་ཡོད་པའི་ང་ཚོའི་ལས་བྱེད་པར་བཀའ་མོལ་གནང་རོགས། ཡང་ན་ཁ་པར་(718) 457-0429ཐོག་འབྲེལ་བ་བྱོས། དབྱར་ཁའི་སློབ་སྦྱོང་དང་རོལ་རྩེད་ལ་ང་ཚོའི་སར་ཕེབས་ཤོག གལ་ཏེ་ཁྱེད་རང་སློབ་ལོ་2015-2016 ཆེད་སྔོན་འགྲོ་སློབ་གྲྭའམ་UPK ལས་རིམ་ཁག་ལ་དགའ་མོས་ཡོད་ན་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་སླད་འདྲ་མཚུངས་དྲ་བྱང་སྟེང་ནོན་དགོས།

འཛིན་གྲྭ་ཀེ་-8(K-8th) པའི་ནང་ཁྱེད་རང་གི་ཕྲུ་གུ་ཡོད་དམ། “ངའི་གངས་རི་འཛེག་” ཅེས་པའི་དབྱར་ཁའི་ལས་རིམ་འདིར་འཚོལ་དང་།་

དགོས་ངེས་ཡིག་ཆ་ཁག:

སློབ་ཕྲུག་གི་འཕྲོད་བསྟེན་འགེངས་ཤོག (ཨེན་ཝེ་སི་ NYC སྔོན་འགོག་ཡོ་བྱད།)

ཡོང་འབབ་འོས་ཆོས་འགེངས་ཤོག

  • ངོ་སྤྲོད། ཁྱེད། (ཕྱི་ལོ་2012 དང་& 2013 ནང་བཙས་པའི་ཕྲུ་གུ་འབའ་ཞིག) སྔ་དྲོ་ཚོུད་8:30ནས་ཕྱི་དྲོ་4:00པའི་བར། ཉིན་ཕྱེད་ལ་སྔ་དྲོ་8:30ནས་11:30བར་རམ་ཕྱི་དྲོ་1:00 ནས་4:00བར།

     

    སློབ་ཕྲུག་ཚོ་སློབ་གྲྭའི་འཆར་ཅན་བྱེད་སྒོར་ཞུགས་ཏེ་རོལ་རྩེད་དང་བཟོ་བཀོད་ལྡན་པའི་ཤེས་ཡོན་ཁོར་ཡུག་ནང་སོ་སོའི་ལོ་ན་མཉམ་པའི་ཕྲུ་གུ་ཚོའི་མཉམ་གྲོགས་འདྲིས་བྱེད་དུ་འཇུག་གི་ཡོད། ལས་རིམ་དེས་སྔོན་འགྲོའི་སློབ་གྲྭའི་དུས་སྐབས་ལ་འཇམ་པོ་དང་རྩེད་སྣང་གི་ངོ་སྤྲོད་བྱེད་ཀྱི་ཡོད། ཕྲུ་གུ་ཚོས་སློབ་གྲོགས་གསར་པ་མཉམ་མྱུལ་དཔྱད་ཤེས་ཡོན་དང་སློབ་སྦྱོང་གོ་སྐབས་རག་གི་ཡོད། ཉིན་རེའི་བྱེད་སྒོའི་ནང་སྒོར་རྩེད། སྐད་ཆེན་པོས་ཀློག་སྟངས། ཐང་རྩེད་སྤྲོ་སེང་། ལྟེ་གནས་ཀྱི་དུས་ཚོད་འདེམས་ལུགས། རོལ་མོ་སྦྲགས་ནས་རྩེད་མོ། རུ་ཚོ་ཆུང་བའི་རྩེད་མོ། ལག་ཁྱེར་གློག་ཀླད་ཐོག་ནས་སློབ་སྦྱོང་དང་སྒྱུ་རྩལ་དང་ལག་རྩལ་བཅས་ཚུད་ཡོད། བྱེད་སྒོ་འདི་དག་གིས་ཕྲུ་གུའི་སྐད་ཡིག རྣམ་དཔྱོད་དང་སྤྱི་ཚོགས་སེམས་ཁམས་སྒྱུ་རྩལ། ལུས་རྩལ་དང་རྩེད་མོ་བཅས་ཡར་རྒྱས་གཏོང་བར་ཕན་གྱི་ཡོད། ཕྲུ་གུ་ཚོས་ལས་རིམ་འདི་ལ་བདུན་ཕྲག་གཅིག་གི་ནང་ཉིན་2 ཉིན་3 མམ་ཉིན་5 འགྲོ་ན་ཆོག་གི་རེད།

    གཟའ་འཁོར་རེའི་བརྗོད་གཞི།

     

    ང་ཚོའི་འཛམ་གླིང་ནང་གི་ཆུ། – དེའི་བེད་སྤྱོད།

    ང་ཚོའི་འཛམ་གླིང་ནང་གི་ཆུ། – དེའི་ཁྱད་ཆོས།

    ང་ཚོའི་འཛམ་གླིང་ནང་གི་ཆུ། – འདྲེས་རྫས། ཞུན་མ། དིམ་པ་དང་འཕྱོ་བ།

    ལྦུ་བ། – ཆུ། རླུང་དང་ཡི་རྩི་མྱུལ་ཞིབ།

    མཚོ་ངོགས་སུ། སྤྱི་ཚོགས་ཞབས་ཞུ་བ་དང་མཚོ་ངོགས་བྱེད་སྒོ།

    ཆུ། – སྐྱེ་ལྡན་གྱི་དགོས་མཁོ།

    རྒྱ་མཚོའི་འཚོ་བ། ཉ་དང་འོ་འཐུང་སྲོག་ཆགས།

  • UPK ཁྱབ་ཁོངས། (ཕྱི་ལོ་2011ནང་སྐྱེས་པའི་ཕྲུ་གུ་གཅིག་པུ།) སྔ་དྲོ་ཚོུད་8:30 ནས་ཕྱི་དྲོ་ཚོུད་4:00 པའི་བར། ཉིན་ཕྱེད་ལ་སྔ་དྲོ་8:30 ནས་སྔ་དྲོ་11:30 བར་རམ་ཕྱི་དྲོ་ཚོུད་1:00 ནས་ཚོུད་4:00 པའི་བར།

     

    UPK ཁྱབ་ཁོངས་” ཀྱི་འཛིན་གྲྭས་སློབ་ཕྲུག་ཚོར་ UPK འི་གལ་གནད་ཆེ་བའི་ཤེས་ཡོན་སྡེ་ཚན་ཁག་ངོ་སྤྲོད་དང་སློབ་ཕྲུག་ཚོར་སྔོན་འགྲོ་སློབ་གྲྭར་འགྱུར་འགྲོས་དང་བསྟུན་རང་དབང་མང་ཙམ་དང་རང་མགོ་རང་ཐོན་ཡོང་ཐབས་སེམས་ཤུགས་སྤེལ་གྱི་ཡོད། ལས་རིམ་དེ་ཕྱི་ལོ་2015 ཟླ་བ་དགུ་པའི་ནང་སྤྱི་ཡོངས་སྔོན་འགྲོ་སློབ་གྲྭའི་ལས་རིམ་ནང་འགྲོ་མཁན་སློབ་ཕྲུག་ཚོའི་ཆེད་བཟོས་པ་ཡིན། འཛིན་གྲྭ་འདིའི་གཏན་འབེབས་སློབ་ཚན་གྱིས་སྟོན་དུས་དེར་ཕྲུ་གུ་ཚོས་སློབ་སྦྱོང་གནང་གི་ཡོད་པའི་བསམ་ཚུལ་ཁ་སྐོང་དང་དེའི་ནང་ཐོག་མའི་འབྲི་ཀློག་བྱེད་སྒོ། ཚན་རིག སྤྱི་ཚོགས་རིག་གནས། ཨང་རྩིས། སྒྱུ་རྩལ་དང་རོལ་དབྱངས་དང་ཟློས་གར། སྤྱི་ཚོགས་སེམས་ཁམས་སྒྱུ་རྩལ་དང་ལུས་ཁམས་ཤེས་ཡོན་བཅས་ཚུད་ཡོད། ང་ཚོའི་དགེ་རྒན་གྱིས་ཕྲུ་གུ་ཚོར་ཁོ་ཚོའི་མཐའ་འཁོར་འཛམ་གླིང་ཐོག་དོ་སྣང་དང་བཅོས་མིན་གྱི་ཤེས་འདོད་སླེབས་པའི་ཆེད་སློབ་ཁྲིད་བརྗོད་གཞི་བེད་སྤྱོད་གནང་གི་རེད། ཉིན་འཁྱོངས་རེའུ་མིག་ཆེད་དུ་ཉིན་2 ཉིན་3 མམ་ཉིན་5 འི་གདམ་ང་གཏོང་ས་ཡོད།

    གཟའ་འཁོར་རེའི་བརྗོད་གཞི།

     

    ང་ཚོའི་འཛམ་གླིང་ནང་གི་ཆུ། – དེའི་བེད་སྤྱོད།

    ང་ཚོའི་འཛམ་གླིང་ནང་གི་ཆུ། – དེའི་ཁྱད་ཆོས།

    ང་ཚོའི་འཛམ་གླིང་ནང་གི་ཆུ། – འདྲེས་རྫས། ཞུན་མ། དིམ་པ་དང་འཕྱོ་བ།

    ལྦུ་བ། – ཆུ། རླུང་དང་ཡི་རྩི་མྱུལ་ཞིབ།

    མཚོ་ངོགས་སུ། སྤྱི་ཚོགས་ཞབས་ཞུ་བ་དང་མཚོ་ངོགས་བྱེད་སྒོ།

    ཆུ། – སྐྱེ་ལྡན་གྱི་དགོས་མཁོ།

    རྒྱ་མཚོའི་འཚོ་བ། ཉ་དང་འོ་འཐུང་སྲོག་ཆགས།

  • ཉིན་རེའི་འཛིན་གྲྭའི་རེའུ་མིག་མ་དཔེ།

    སྔ་དྲོའི་ཚོུད་8:30ནས་སྔ་དྲོ་ཚོུད་8:40བར། བྱོན་ལེགས། (རྗེས་མ་མཇལ་ཡོང་། ཕ་མ་རྣམ་པ།)

    སྔ་དྲོའི་ཚོུད་8:40 ནས་སྔ་དྲོ་ཚོུད་8:55 བར། ཅོག་ཙེ་སྒང་རྩེད་ཆས། རྫི་རྩེད། ཚོས་འབྱུག་བྱེད་ལས།

    སྔ་དྲོའི་ཚོུད་ 8: 55 ནས་སྔ་དྲོ་ཚོུད་9:10 བར། སྔ་དྲོ་བདེ་ལེགས་ཀྱི་གླུ་ཆུང་། སྒོར་རྩེད། (ཚོ་ཁག་མཉམ་འཛོམས་གྲོས་བསྡུར།)

    སྔ་དྲོའི་ཚོུད་ 9:10 ནས་སྔ་དྲོ་ཚོུད་10:00 བར། ལྟེ་གནས་དུས་ཚོད།

    སྔ་དྲོའི་ཚོུད་ 10:00 ནས་སྔ་དྲོ་ཚོུད་10:25 བར། ཁ་ཏོག་དང་མཉམ་རུབ་ཁྲུས་ཁང་ལྟ་སྐོར།

    སྔ་དྲོའི་ཚོུད་10:25 ནས་སྔ་དྲོ་ཚོུད་11:00 བར། ཐང་རྩེད། ཆུ་རྩེད།

    སྔ་དྲོའི་ཚོུད་ 11:00 ནས་སྔ་དྲོ་ཚོུད་11:20 བར། སྒྲུང་དེབ་ཆེར་ཀློག་པ་དང་རོལ་མོ་སྦྲགས་ནས་རྩེད་མོའི་དུས་ཚོད།

    སྔ་དྲོའི་ཚོུད་ 11:20 ནས་སྔ་དྲོ་ཚོུད་11:30 བར། སྔ་དྲོའི་ཚོགས་ཐུན་གྲོལ་ཁར་ལྷན་ཚོགས། གྲོལ་བརྡ།

    སྔ་དྲོའི་ཚོུད་ 11:30 ནས་སྔ་དྲོ་ཚོུད་12:45 བར། ཉིན་འཁྱོངས་ཕྲུ་གུའི་ཁ་ལག་དང་བར་སེང་དུས་ཚོད།

    ཕྱི་དྲོ་ཚོུད་12:45 ནས་ཕྱི་དྲོ་ཚོུད་1:00 བར། ཉིན་འཁྱོངས་ཕྲུ་གུའི་ཡར་ལྡང་དང་ཞི་འཇམ་གྱི་འགྱུར་འགྲོས་བྱེད་ལས།

    ཕྱི་དྲོ་ཚོུད་1:00 ནས་ཕྱི་དྲོ་ཚོུད་1:10 བར། ཉིན་རྒྱབ་གྲོགས་པོ་ཚོར་བྱོན་ལེགས།

    ཕྱི་དྲོ་ཚོུད་1:10 ནས་ཕྱི་དྲོ་ཚོུད་1:25 བར། ཅོག་ཙེ་སྒང་རྩེད་ཆས། རྫི་རྩེད། ཚོས་འབྱུག་བྱེད་ལས།

    ཕྱི་དྲོ་ཚོུད་1:25 ནས་ཕྱི་དྲོ་ཚོུད་1:40 བར། ཉིན་རྒྱབ་སྒོར་རྩེད་དང་ལྷན་ཚོགས།

    ཕྱི་དྲོ་ཚོུད་1:40 ནས་ཕྱི་དྲོ་ཚོུད་2:30 བར། ལྟེ་གནས་དུས་ཚོད།

    ཕྱི་དྲོ་ཚོུད་2:30 ནས་ཕྱི་དྲོ་ཚོུད་2:55 བར། ཁ་ཏོག་དང་མཉམ་རུབ་ཁྲུས་ཁང་ལྟ་སྐོར།

    ཕྱི་དྲོ་ཚོུད་2:55 ནས་ཕྱི་དྲོ་ཚོུད་3:30 བར། ཐང་རྩེད། ཆུ་རྩེད།

    ཕྱི་དྲོ་ཚོུད་3:30 ནས་ཕྱི་དྲོ་ཚོུད་3:50 བར། སྒྲུང་དེབ་ཆེར་ཀློག་པ་དང་རོལ་མོ་སྦྲགས་ནས་རྩེད་མོ།

    ཕྱི་དྲོ་ཚོུད་3:50 ནས་ཕྱི་དྲོ་ཚོུད་4:00 བར། མཉམ་འཛོམས་བསྐྱར་ཞིབ་སྒྲུབ་ནས་ཉིན་རྒྱབ་ཚོགས་ཐུན་གྲོལ།

    ཐུགས་སྣང་།

    • བྱེད་སྒོའི་དུས་ཡུན་དང་དཀར་ཆག་རྣམས་ཕྲུ་གུའི་ལོ་ཚད་དང་འཚར་ལོངས་ཀྱི་རིམ་པ་ལ་གཞིགས་པའི་ འགྱུར་བ་འགྲོ་གི་ཡོད།
    • ངལ་གསོ་བར་སེང་དེ་ཐོག་མའི་ངོ་སྤྲོད་དུས་སྐབས་སུ་ཕྲུ་གུ་ཚོར་མང་བ་ཡོད། UPK ཁྱབ་ཁོངས་རུས་ཁག་ལས་ཁྱེད་རང་གི་རུ་ཁག
    • ཉིན་འཁྱོངས་དང་ཉིན་ཕྱེད་སློབ་ཕྲུག་གཉིས་ཆའི་དགོས་མཁོ་སྦྱོར་བའི་ཆེད་སྔ་དྲོ་དང་ཕྱི་དྲོའི་ཚོགས་ཐུན་གྱི་དཀར་ཆག་དབར་ཁྱད་པར་ཕྱིན་ཡོད།
    • ཉིན་ཕྱེད་གདམ་ང་ཚོར་ངལ་གསོའམ་གུང་གཉིད་དུས་ཚོད་མེད།
    • འཕྲོད་བསྟེན་དུས་ཡུན་ཚེས་གྲངས་2014ཕྱི་ཟླ་དགུ་པའི་ཚེས་1ནས་2015ཕྱི་ཟླ་དྲུག་པའིི་ཚེས་25དབར།
    • 2015ཕྱི་ཟླ་དྲུག་པའི་ཚེས་1 གོང་གི་ཚེས་གྲངས་འཁོད་པ་CACFP ཡོང་འབབ་ཞིབ་བཤེར་འགེངས་ཤོག
    • ཕྱི་ཟླ་དྲུག་པའི་ནང་ཡིག་འབྲེལ་གྱིས་ཁྱེད་རང་ལ་ཡིག་ཆ་མ་ཚང་རིགས་དང་ལས་རིམ་ལ་ཁྱེད་རང་སྐད་གཏོང་བའི་བརྡ་ལན་ཡི་གེ་འབྱོར་གྱི་རེད།